藏汉对照:一字般若波罗密多经

发表于 讨论求助 2022-08-04 09:35:39

多识仁波切甘肃天祝藏族自治县朵什寺第六世寺主活佛

传播:藏传 | 藏文化 | 雪域当代深孚众望的学者和教育工作者。


一字般若波罗密多经

 

如是我闻,世尊在灵鸠山与大比丘僧一千二百五十人俱,及菩提萨埵十万众。尔时世尊对阿难说:阿难记住,《般若波罗密多一字经》能使众生安享福乐。其经曰:a(啊)。尔时世尊说经已,具寿阿难及比丘、菩萨众领会般若波罗密多意趣,皆欢喜赞叹。

 

识译自藏文大藏经般若部。

 

注释: 梵文“啊”是前置否定词,即空意,即万法无实在意,即真空幻有意。“空”指物自性空。空有相对的“有”,指诸缘生成的有,相对条件下存在的有,现象的存在,故为幻象、幻有。无自性的意思是:不能自生、自主,处于刹那生灭之意。      

 

           ཤེར་ཕྱིན་ཡི་གེ་གཅིག་མ།


རྒྱ་གར་སྐད་དུ། ཨེ་ཀ་ཨཀྵ་རཱི་མཱ་ཏཱ་ནཱ་མ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་བཱ་ར་མི་ཏཱ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བོའི་ཁབ་བྱ་རྒོད་ཕུང་བོའི་རི་ལ།  དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་།  བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་མང་བོ་དང་ཐབས་གཅིག་ཏུ་བཞུགས་སོ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་འདི་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་ཟུངས་ཤིག འདི་ལྟ་སྟེ། ཨ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྟོགས་ཤིང་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ། །

                                 

相关文章:

2017藏历新年,祝大家扎西德勒!

这一生,多少人输在了这个字上?很短很精辟!

凡人觉悟了就是佛,佛是觉悟的凡人。

2017最开心的活法,只要记住两句话!

石头开花,百年难见!赶紧收藏。

彻底否定主宰宇宙万物的造物主的存在

善待每一个遇见

埋怨,会吸光您的“养份”(福气)

今年最潮的4句实话!(特精辟)

发表
26906人 签到看排名