华锐哭嫁歌|བག་ངུས།

发表于 讨论求助 2022-04-10 10:04:25



བག་ངུས།

------དཔའ་རིས་ས་ཆའི་བུ་མོ་གནས་ལ་སྐྱེལ་བའི་ཞོགས་པར་སྐྲ་བསླས་དུས་ངུ་ལེན་པའི་སེམས་གསོའི་གླུ།།

༼༡༽

གསེར་བྱ་མགོ་མ་གྲགས་དུས་སུ།

ཕ་ཁུ་མ་ཉལ་ཕ་ཁུ་ལོངས།

ཕ་ཁུ་ལངས་ནས་གོས་ལྭ་སྐོན།

གོས་རི་མོ་ཅན་དེ་བུ་མོར་སྐོན།

གྱོན་པའི་བུ་མོ་སྙིང་རེ་རྗེ་།

གསེར་བྱ་བར་མ་གྲགས་དུས་སུ།

མ་སྲུ་མ་ཉལ་མ་སྲུ་ལོངས།

མ་སྲུ་ལངས་ནས་གཡུ་བྱུར་ཐོགས།

གཡུ་བྱུར་ཡག་པོ་བུ་མོར་ཐོགས།

འདོགས་པའི་བུ་མོ་སྙིང་རེ་རྗེ་།

གསེར་བྱ་གསུམ་པ་གྲགས་དུས་སུ།

སྤུན་ཟླ་མ་ཉལ་སྤུན་ཟླ་ལོངས།

སྤུན་ཟླ་ལངས་ནས་ལྷམ་ཞིག་སྐོན།

ལྷམ་གང་་ཡག་གང་བུ་མོར་སྐོན།

གྱོན་་པའི་བུ་མོ་སྙིང་རེ་རྗེ་། 

༼༢༽

བྲག་དང་ཟུག་པ་མཉམ་སྐྱེས་རེད།

ཤུག་ཏོག་མི་འདུག་ལྷུང་རྒྱུ་རེད།

ལྷུང་བའི་ཤུག་ཏོག་སྙིང་རེ་རྗེ།

ཐོ་རུ་ཐོ་མོ་མཉམ་སྐྱེས་རེད།

ཐོ་རུ་ཐོར་མི་འཛིན་བཙོང་རེད།

བཙོང་བའི་ཐོ་རུ་སྙིང་རེ་རྗེ།

བུ་དང་བུ་མོ་མཉམ་སྐྱེས་རེད།

བུ་མོ་མི་འདུག་འགྲོ་རྒྱུ་རེད།

འགྲོ་བའི་བུ་མོ་སྙིང་རེ་རྗེ།

༼༣༽

བྱ་རྨ་བྱ་རྨ་ཆུ་ཁ་ནས་སྨྲེང།

སྨྲེང་མི་དགོས་རྨ་བྱ་ང་ལ་ཉོན།

ཟླ་གསུམ་གྱི་འགྲམ་དར་འགྲོ་རྒྱུ་རེད།

བུད་སོང་ན་རྨ་བྱ་སྐྱིད་རྒྱུ་རེད།

བྱ་ཁུ་བྱུག་ཙན་དན་ནགས་ནས་སྨྲེང།

སྨྲེང་མི་དགོས་ཁུ་བྱུག་ང་ལ་ཉོན།

ཟླ་གསུམ་གྱི་ནགས་ལོ་འབུས་རྒྱུ་རེད།

འབུས་བཏང་ན་ཁུ་བྱུག་སྐྱིད་རྒྱུ་རེད།

མ་བུ་མོ་གནས་ཡུལ་ས་ནས་སྨྲེང།

སྨྲེང་མི་དགོས་བུ་མོ་ང་ལ་ཉོན།

ཟླ་གསུམ་ལ་ཕ་མ་ཐུག་་རྒྱུ་རེད།

ཐུག་བཏང་ན་བུ་མོ་སྐྱིད་རྒྱུ་རེད།

༼༤༽

ད་ནངས་ནམ་ལངས་དང་བོ་ནི།

དང་བོ་ལྷ་བྱ་དཀར་བོ་རེད།

ལྷ་བྱ་དཀར་བོས་ནམ་ཚོད་བཟུང།

ང་བུ་མོས་ནམ་ཚོད་མི་ཟིན་རུང།

ད་ཐེངས་མི་ཟིན་ཀ་མེད་རེད།

ད་ནངས་ནམ་ལངས་དང་བོ་ནི།

དང་བོ་ཁུ་བྱུག་སྔོན་མོ་རེད།

ཁུ་བྱུག་སྔོན་མོ་བག་ཚུགས་བཟུང།

ང་བུ་མོས་ནམ་ཚོད་མི་ཟིན་རུང།

ད་ཐེངས་མི་ཟིན་ཀ་མེད་རེད།

༼མེ་དཔུང་གིས་པར་རྣམ་ཏུ་བཀོད།༽

以上所有策划及照片均由甘肃华锐文化传播有限公司提供。

甘肃华锐文化传播有限公司——专注打造民族文化,宣传华锐文化。传承、弘扬藏民族文化。承接:大中型演艺,各类庆典,藏汉婚礼,高清摄像,MV拍摄,音乐制作,专题片拍摄,音响灯光租赁等业务,欢迎来电合作。(才让塔:13993513443更尕:13884552725公司电话:0935-3133133地址:天祝藏族自治县【大十字】天祝民族歌舞剧团一楼)

华锐在线征稿启事

华锐在线公众平台为了满足广大文学爱好者和摄影绘画爱好者的需求,从即日起定期推出以文学和摄影绘画为主题的窗口、喜欢文学创作和摄影绘画的朋友们可加微信号:hrwh000QQ120637016,将您的作品及热情投送与我们!这里不仅是你展示才华的舞台 ,更是与文人雅士心灵交流的平台。不限题材,杜绝抄袭!禁止一稿多投。


若我们的内容有侵犯到您的权益,请与我们联系,我们将第一时间为您处理,给您带来的不便,请谅解。

关于我们:编辑:才让塔  



发表
26906人 签到看排名